热烈庆祝中国共产党成立100周年!ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་100འཁོར་བར་སྤྲོ་སེམས་འཁོལ་པོས...

新闻视频

当前位置: 网站首页 >> 新闻动态 >> 新闻视频 >> 正文

ཞི་ཅིན་ཕིང་གིས་བོད་ལྗོངས་ཉིང་ཁྲིར་བརྟག་ཞིབ་གནང་བ།

信息来源:西藏日报 发布日期:2021年07月23日 18:16 浏览次数:

ཚེས་21ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བོད་དུ་བརྟག་ཞིབ་གནང་བར་ཕེབས་ཤིང་། ཉིན་དེའི་སྔ་དྲོ་ཞི་ཅིན་ཕིང་གནམ་གྲུར་བཞུགས་ནས། ཉིང་ཁྲི་སྨན་གླིང་གནམ་ཐང་དུ་འབྱོར་སྐབས། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་ཡོད། དེ་རྗེས་ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ནས་ཉང་ཆུ་ཟམ་ཆེན་དུ་ཕེབས་ཏེ་ཡར་ཀླུང་གཙང་པོ་དང་ཉང་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཉིན་དེའི་ཕྱི་དྲོ་ཞི་ཅིན་ཕིང་སྔ་རྗེས་སུ་ཉིང་ཁྲི་གྲོང་ཁྱེར་གྱི་གྲོང་ཁྱེར་འཆར་འགོད་ཁང་དང་། བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོ། ཀོང་པོ་སྤྱི་གླིང་བཅས་སུ་ཕེབས་ནས་གྲོང་ཁྱེར་འཕེལ་རྒྱས་གཏོང་སྟངས་ཀྱི་འཆར་འགོད་དང་། གྲོང་གསེབ་དར་རྒྱས། གྲོང་ཁྱེར་སྤྱི་གླིང་འཛུགས་སྐྲུན་སོགས་ཀྱི་ལས་དོན་ལ་གཟིགས་ཞིབ་གནང་བ་རེད། ཚེས་22ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་ཉིང་ཁྲི་མེ་འཁོར་བབས་ཚུགས་སུ་ཕེབས་ནས་ཁྲོན་བོད་ལྕགས་ལམ་གྱི་སྤྱིའི་འཆར་འགོད་དང་། དེ་བཞིན་ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་འཛུགས་སྐྲུན་གཉེར་སྐྱོང་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་། དེ་རྗེས་མེ་འཁོར་ལ་བཞུགས་ནས་ལྷ་ས་གྲོང་ཁྱེར་དུ་ཕེབས་ཏེ། ས་གནས་ས་ཐོག་ཏུ་ལྷ་ཉིང་ལྕགས་ལམ་རྒྱུད་ཀྱི་འཛུགས་སྐྲུན་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་འབྲེལ་ཡོད་གནད་དོན་ལ་ཞིབ་འཇུག་གཏིང་ཟབ་གནང་བ་རེད།

(འགན་འཁུར་རྩོམ་སྒྲིག་པ།   སྤེན་པ)

关闭

联系我们| 关于我们| 网站声明| 网站地图

   Copyright ©  备案号: 藏ICP备18000418号-1,All Rights Reserved版权所有:措勤县人民政府  联系电话:0897-2612149            藏公网安备 54252302000006号    

网站标识码:5425270001